52231

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་པ་རྒྱུན་གྱི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་མཚན་བཅས་གཅིག་ཆར་བའི་ཏིང་ངེ་འཛིན་གྱི་ཁོངས་གཏོགས་ཆོས་རྒྱུན་ཆེན་པོའི་ཏིང་འཛིན་གྱི་ནང་གསེས་སུ་གསུངས་པ་སྟེ། མདོ་འགྲེལ་མུན་པའི་གོ་ཆ་ལས། མཆོད་པ་རྒྱུན་གྱི་ཏིང་ངེ་འཛིན་ནི། འཁོར་བ་རྒྱ་མཚོའི་ཡོ་བྱད་འདི། །ཞེས་པ་དག་རིལ་མཆོད་པ་སྟེ་ཇི་བཞིན་པའི་གནས་སུ་སྟོབས་པ་ལས་སྤྱོད་ཡུལ་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་ལྟར་གཟི་ལྡན་འཆར་ཁའི་འོད་སྣང་ལས། འཁོར་བ་རྒྱ་མཚོའི་ཡོ་བྱད་མ་ལུས་པ་རྣམས་ཀྱང༌། མཉེས་བྱེད་མཆོད་པ་རྒྱ་མཚོའི་རང་བཞིན་དུ་བཀོད་པ་ཡིན་ཏེ། སྲིད་པ་རྒྱ་མཚོ་མཐའ་ཡས་པ་ཀུན་ཏུ་སྣང་བ་ཉིད་ཇི་བཞིན་པའི་གནས་སུ་སྟོབས་པ་ལས་སྤྱོད་ཡུལ་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར། ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱུན་མི་འཆད་པ་ཁོ་ནའོ། །
Domain ཆོས་ལུགས།