52235

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་པ་སྦྱང་བ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། སྦྱང་བ་ནི། ལག་པ་གཡོན་མཉམ་གཞག་འཕྲེད་ལ་བཞག་པའི་སྟེང་དུ་གཡས་ཀྱིས་བཀབ་ལ། སྭ་བྷཱ་ཝའི་སྔགས་ཀྱིས་ཡུལ་མཆོད་རྫས་དང་ཡུལ་ཅན་དེར་འཛིན་གྱི་ཤེས་པ་གཟུང་འཛིན་གཉིས་བྲལ་གྱི་སྟོང་ཉིད་དུ་བསམ་མོ། །ཞེས་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། སྦྱང་བ་འདི་གཞན་ཕན་འོད་ཟེར་དང་གཞུང་འདིར་གསལ་བར་མི་སྣང་ཡང་། ཀུན་མཁྱེན་གུང་རུས་མུན་སེལ་སྒྲོན་མེར་གསུངས་པ་བཞིན་ཕྱག་ལེན་ལ་མཛད་པས་ཨོཾ་སྭ་བྷ་ལ་སོགས་བརྗོད་ཅིང་འོག་ནས་འབྱུང་བ་བཞིན་སྔགས་དོན་དྲན་པས་བདེན་ཞེན་གྱི་དྲི་མ་སྦྱང་བར་བྱའོ། །ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །
Domain ཆོས་ལུགས།