52237
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། དང་པོ་མེ་ཏོག རྡོ་རྗེ་ཁུ་ཚུར་གཡོན་སྙིང་གར་མེ་ཏོག་གི་སྣོད་གཟུང་བའི་ཚུལ་དང་གཡས་གྱེན་དུ་འཐོར་བའི་ཚུལ་གྱིས་པུཥྤེས་མེ་ཏོག གཉིས་པ་པི་ཝང་། ལག་པ་གཡོན་རྡོ་རྗེ་ཁུ་ཚུར་བསྒྲེང་བ་གཡོན་ཕྱོགས་སུ་གྱེན་དུ་བསླང་བའི་གྲུ་མོར་གཡས་པའི་རྡོ་རྗེ་ཁུ་ཚུར་བཏུད་པ་པི་ཝང་བསྒྲེང་ཚུལ་དང་། རྡོ་རྗེ་ཁུ་ཚུར་མཐེབ་མཛུབ་གཉིས་སྤྲད་པ་རོལ་མོ་འཁྲོལ་ཚུལ་བྱ་ཞིང་ཝཱི་ནིས་པི་ཝང། གསུམ་པ་དྲི་ཆབ། གཡོན་རྡོ་རྗེ་ཁུ་ཚུར་སྙིང་གར་གཞག་གཡས་ཆོས་འཆད་ལྟར་བསྒྱུར་ལ་གནྡྷེས་དྲི་ཆབ། བཞི་བ་ཞལ་ཟས། རྡོ་རྗེ་ཁུ་ཚུར་གཉིས་གྱེན་དུ་ཕྱེ་ལ་གཡས་པས་གཡོན་པའི་སྟེང་ནས་འབུལ་ཚུལ་བྱེད་པ་ནཻ་ཝི་དྱཱས་ཞལ་ཟས། ལྔ་བ་གོས། དེ་ཉིད་གཡོབ་པའི་ཚུལ་གྱིས་གྱེན་དུ་བསྟན་ནས་ན་བཟའ་འབུལ་ཚུལ་བྱེད་པ་ཝསྟྲས་གོས་ཟུང་སྟེ་མཆོད་པའི་ཁྱད་པར་ལྔའོ། །ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |