52244

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་པའི་ཕྱག་རྒྱ་ཆེན་པོ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། རྙིང་མ། གསང་སྔགས་མ་ཧཱ་ཡོ་གའི་གཞུང་དུ་ཏིང་ངེ་འཛིན་གྱི་མཆོད་པ་ལ་གྲགས་ཏེ། རྩ་རྒྱུད་གསང་བ་སྙིང་པོ་ལས། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང་། །ཞེས་པ་ནས། བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཞེས་པའི་བར་གྱིས་བསྟན་ཅིང་། དཀོན་ཅོག་འགྲེལ་ལས་ཀྱང་། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །ཞེས་བྱ་བ་ལ་སོགས་པ་ནི། མཆོད་པའི་ཕྱག་རྒྱ་ཆེན་པོ་ཏིང་ངེ་འཛིན་གྱི་མཆོད་པ་ཆེན་པོ་སྟེ། ཞེས་གསུངས།
Domain ཆོས་ལུགས།