52245

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་པའི་ཡ་སྟགས་ (1)
Part of speech མིང་ཚིག
Definition བོན། མཆོད་པའི་ཡོ་བྱད་དམ་མཆོད་རྫས་ཞིག་ཡིན་ཏེ། མདོ་གཟེར་མིག་ལས། མཆོད་པའི་ཡ་སྟགས་ལྡན་པ་རྣམ་པ་ལྔ་བཤམ་དགོས་སོ། །ཞེས་སོ། །ལྔ་ནི། དང་བའི་སེམས་ལྡན། གུས་པའི་ལུས་ལྡན། སྙན་པའི་སྒྲ་ལྡན། གཙང་མའི་ཟས་ལྡན། མཛེས་པའི་རྒྱན་ལྡན་གྱི་རྣམ་པ་ལྔའོ། །དེ་ཡང་དང་བའི་སེམས་ལྡན་གྱི་མཆོད་པ་སྟེ། སེམས་པ་སྤྲོ་བ་བསྐྱེད་ཅིང་། མདུན་རྒྱབ་མེད་པའི་ཡེ་ཤེས་ལྷ་ཡང་ཕྱོགས་བཅུར་བཀང་ནས་གཟིགས་ཡོད་བསམ་པའི་སེམས་ལ་བྱའོ། །གུས་པའི་ལུས་ལྡན་གྱི་མཆོད་པ་ནི། ལུས་ཕུང་ནི་གཙང་མའི་ཚན་གྱིས་བཀྲུས་ལ་ཆ་ལུགས་ཀྱང་མཛེས་པོར་བྱེད་ཅིང་། ཕྱག་རྒྱ་ཐལ་མོ་སྦྱོར། བསྐོར་བ་དང་ལྷ་ཕྱག་འཚལ། གར་དང་ཚོམ་ཚོམ་བསྒྱུར་བ་སོགས་ཡིན། སྙན་པའི་སྒྲ་ལྡན་གྱི་མཆོད་པ་ནི། སྙན་པའི་སྒྲ་ཇི་སྙེད་ཅིག་ལ་བྱའོ། །གཙང་མའི་ཟས་ལྡན་གྱི་མཆོད་པ་ནི། རིན་ཆེན་རིགས་ཀྱི་གཞོང་བ་ལ་ཟས་རིགས་ཕུན་སུམ་ཚོགས་པ་དཀར་ཟས་ཡོད་དོ་ཅོག་མཆོད་པ་བསགས་ཏེ། ལྷག་པར་དུ་ཕྱི་ཡི་མཆོད་པ་རྣམ་ལྔ་མར་མེ། སྤོས། ཚན་ཆབ། གསས་བཤོས། མེ་ཏོག་བཤམས་དགོས་སོ། །མཛེས་པའི་རྒྱན་ལྡན་གྱི་མཆོད་པ་ནི། ཕྱི་རྒྱུད་ཀྱི་ཆོ་ག་ལ་མཁོ་བའི་རྒྱན་རྫས། ནམ་རྒྱན་དང་། བར་རྒྱན། ས་རྒྱན་བཅས་ཕུན་སུམ་ཚོགས་པའི་མཆོད་རྫས་རིགས་ཀུན་ཀྱང་རུང་བའོ། །འདི་ནི་མདོར་བསྡུས་ཙམ་མོ་རྒྱས་པོ་མདོ་གཟེར་མིག་ལས་གསལ་ལོ། །
Domain ཆོས་ལུགས།