52251
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། གསང་སྔགས་གཞུང་སྤྱི་ནས་བཤད་པའི་མཆོད་པའི་ལྷ་མོ་བརྒྱད་ཡོད་དེ། ༡ སྒེག་མོ་མ། ༢ ཕྲེང་བ་མའམ་བཞད་པ་མ། ༣ གླུ་མ། ༤ གར་མ། ༥ མེ་ཏོག་མ། ༦ བདུག་སྤོས་མ། ༧ སྣང་གསལ་མ། ༨ དྲི་ཆབ་མ་བཅས་ཡིན། གསང་སྔགས་མ་རྒྱུད་ཀྱི་གཞུང་ནས་བཤད་པའི་མཆོད་པའི་ལྷ་མོ་བཅུ་དྲུག་ནི་གོང་དུ་བཤད་པའི་བརྒྱད་པོ་དེའི་སྟེང་དུ། ༩ པི་ཝང་མ། ༡༠ གླིང་བུ་མ། ༡༡ རྔ་ཟླུམ་མ། ༡༢ རྫ་རྔ་མ། ༡༣ གཟུགས་རྡོ་རྗེ་མ། ༡༤ རོ་རྡོ་རྗེ་མ། ༡༥ རེག་བྱ་རྡོ་རྗེ་མ། ༡༦ ཆོས་དབྱིངས་རྡོ་རྗེ་མ་བསྣན་པས་བཅུ་དྲུག་གོ། |
| Domain | ཆོས་ལུགས། |