5226
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔོ་སྨན་ཁུ་བྱུག་རྩྭ་ལྗང་མཆོག་དམན་རིགས་གཉིས་ཀྱི་ནང་ནས་དམན་པའི་མིང་སྟེ། ལོ་རེ་བཞིན་སྐྱེ་ཞིང་། རྩ་བ་སྙུང་རིལ་དབྱིབས་ཅན་ཕྲ་ལ་རིང་བ་དང་། སྡོང་པོ་ལྗང་སེར་ཕྲ་ལ་མཉེན་པ་གྲུ་བཞིའི་དབྱིབས་ལ་ཚིགས་པ་རིམ་པར་ཡོད་པ། ལག་པས་འཐེན་ན་རིམ་པས་འབུད་ཡོང་བ་སྟེ། འདི་ལ་ཆུ་མཚེ་ཡང་ཟེར་སྲོལ་ཡོད། རླན་གཤེར་ཆེ་བའི་ཆུ་ཡུར་གྱི་འགྲམ་དང་། གླིང་གསེབ། ཞིང་མུ། ན་གཤོང་སོགས་སུ་སྐྱེ། ལོ་སྡོང་ལྷན་ཅིག་བོད་ཟླ་དྲུག་པ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་རྩུབ་པས་ཆུ་བསགས་པའི་ནད་དང་། ཁྲག་ཤོར་གཅོད་པར་བྱེད་པ་ཡིན། |