52262
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། མཚན་ཉིད་ནི། གཞི་གང་ཟག་གི་བདག་གི་སྐྱེ་མེད་དང། གཟུང་བ་ཆོས་ཀྱི་བདག་གི་སྐྱེ་མེད་གང་རུང་དུ་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་རྒྱུད་ལྡན་གྱི་ཐེག་དམན་འཕགས་པ་ཉེར་ཞི་གཉིས་སུ་ཁྲིད་པར་བྱེད་པའི་རིགས་སུ་གནས་པའི་མཁྱེན་པ། ས་མཚམས་ནི། ཐེག་དམན་གྱི་མཐོང་ལམ་ནས་ཐེག་ཆེན་གྱི་ལམ་དུ་འཇུག་ཁ་མའི་བར་ན་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། །གཞི་གང་ཟག་གི་དང་བཟུང་བ་ཆོས་ཀྱི་བདག་གི་སྐྱེ་མེད་གང་རུང་དུ་མངོན་སུམ་དུ་རྟོགས་པའི་སྒོ་ནས་རང་སྲས་ཐེག་དམན་འཕགས་པ་འབྲས་བུ་ཉེར་ཞི་གཉིས་སུ་འཁྲིད་པར་བྱེད་པའི་རིགས་སུ་གནས་པའི་མཁྱེན་པའོ། །མཚན་གཞི་ནི། ཐེག་དམན་གྱི་མཐོང་སྒོམ་མི་སློབ་ལམ་གསུམ་མོ། །ཞེས་པཎ་ཆེན་ངག་ཆོས་ཀྱིས་རྒྱན་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །རང་སྲས་ཐེག་དམན་འཕགས་པའི་བཞེད་དོན་སྒྲུབ་བྱེད་ཀྱི་མཁྱེན་པ་དེ། ཡུམ་གཞི་ཤེས་ཀྱི་མཚན་ཉིད། དེ་ནི་གཞི་ཤེས་མཐའ་དག་ལ་བྱ། དེ་ཡང་ཐེག་དམན་གྱི་གཞི་ཤེས་ནི་ཐེག་དམན་གྱི་བཞེད་དོན་དངོས་སུ་སྒྲུབ་བྱེད་ཡིན་ལ། བྱང་སེམས་ཀྱི་གཞི་ཤེས་ནི་བརྒྱུད་ནས་བཞེད་དོན་སྒྲུབ་བྱེད་ཡིན་ནོ། །འདིར་ཐེག་དམན་གྱི་བཞེད་དོན་ནི། ཐེག་དམན་གྱི་ཉེར་ཞི་གཉིས་ཡིན་ལ། ཞེས་པཎ་ཆེན་ཤཱཀ་མཆོག་གིས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |