52267
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། གཙོ་བོ་འོད་གསལ་ལས་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་སྐུར་བཞེངས་པ་དེ་ལ། རྩ་རྒྱུད་ལེའུ་བཅུ་བདུན་པ་ནས་གསུངས་པའི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་རིགས་ལྔའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་དང་། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་པ་ནི། ཕྱི་བུམ་དབང་དང་འབྲེལ་བའི་མཆོད་པ་དང་། གཏོར་མ་ལྟར་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་མཆོད་པ་ནི། ནང་གསང་དབང་དང་འབྲེལ་བའི་མཆོད་པ་དང་། ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པའི་བདེ་བས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་ནས་བསྒོམས་པའི་བདེ་བས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པས་ལྷ་རྣམས་མཉེས་ཤིང་ཚིམ་པར་བསམ་པ་ནི། དབང་གསུམ་པ་དང་འབྲེལ་བའི་མཆོད་པ་དང་། དེ་འདྲ་བའི་བདེ་བས་དེ་ཁོ་ན་ཉིད་རྟོགས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་ནས་བསྒོམས་པས་ལྷ་རྣམས་མཉེས་ཤིང་ཚིམ་པར་བསམ་པ་ནི། དབང་བཞི་པ་དང་འབྲེལ་བའི་མཆོད་པ་ཡིན་ནོ། ། |
| Domain | ཆོས་ལུགས། |