52277

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་ཡུམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་སྲས་འཕགས་པ་བསྐྲུན་པར་མཛད་ཅིང། དེའི་བཞེད་དོན་ཡང་སྒྲུབ་པར་ནུས་པའི་ཡོན་ཏན་དང་ལྡན་པའི་ཆ་ནས་རྒྱན་མཛད་པའི་བསྟོད་པའི་བསྟོད་ཕྱག་གི་ཡུལ་དུ་དམིགས་པའི་མཁྱེན་པ། མངོན་པར་རྟོགས་པ་བརྒྱད་པོ་ཐམས་ཅད་སྐབས་འདིར་བསྟན་གྱི་ཡུམ་ཡིན་ཏེ། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་དོན་བརྒྱད་བསྡུས་ལ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང། ཞེས་སོགས་གསུངས་པའི་ཕྱིར།
Domain ཆོས་ལུགས།
མཆོད་ཡུམ་ (2)
Part of speech མིང་ཚིག
Definition རང་སྲས་ཀྱི་བཞེད་དོན་སྒྲུབ་བྱེད་ཀྱི་མཁྱེན་པར་དམིགས་པ། མཆོད་ཡུམ་གྱི་མཚན་ཉིད། རང་སྲས་འཕགས་པའི་བཞེད་དོན་སྒྲུབ་བྱེད་ཀྱི་སྐབས་འདི་ནས་དངོས་སུ་བསྟན་པའི་མཁྱེན་པར་དམིགས་པ། སྐབས་འདི་ནས་དངོས་སུ་བསྟན་པའི་མཆོད་ཡུམ་གྱི་མཚན་ཉིད། སྐབས་འདིར་བསྟན་པའི་མཆོད་ཡུམ་ལ་དབྱེ་ན། དོན་མངོན་པར་བརྒྱད་དུ་ཡོད། གོ་རིམ་ནི། སྐབས་འདིར་དང་པོ་གཞི་ཤེས། དེ་རྗེས་ལམ་ཤེས། དེ་རྗེས་རྣམ་མཁྱེན་ལ་བསྟོད་པ་ནི་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་ཉམས་ལེན་གྱི་རིམ་པ་དང་མཐུན་པར་བསྟན་པ་ཡིན། གྲངས་ངེས། སྐབས་འདི་ནས་དངོས་སུ་བསྟན་པའི་མཁྱེན་པ་དེ་ལ་གསུམ་དུ་གྲངས་ངེས་ཏེ། མཁྱེན་པ་གསུམ་པོ་དེས་རང་སྲས་འཕགས་པའི་བཞེད་དོན་ཕུན་སུམ་ཚོགས་པ་རྣམས་སྒྲུབ་ནུས་པའི་ཕྱིར། མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་བསྡུས་ཚུལ། མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་ཉམས་ལེན་གྱི་ཡུལ་དུ་བསྡུས་པ་ནི་མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པའི་དོན་ཡིན་ཅིང། མཁྱེན་གསུམ་གྱི་རྣམ་པ་རྫོགས་པར་ཉམས་སུ་བླངས་པས་མངོན་པར་རྟོགས་པ་བརྒྱད་ཀྱི་རྣམ་པ་རྫོགས་པར་ཉམས་སུ་བླངས་པར་འགྱུར་པ་ནི། དེས་དེ་ཉམས་ལེན་གྱིི་ཡུལ་དུ་བསྡུས་པའི་དོན་ཡིན།