52291
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱལ་བའི་མཆོད་རྟེན་ཆ་བརྒྱད་ཅེས་གྲགས་པ་སྟོན་པའི་མཛད་པ་ཁྱད་པར་ཅན་གཙོ་བོར་གྱུར་པ་དག་བསྟན་པའི་ཚེ་ཡུལ་ལྗོངས་སོ་སོའི་སྐྱེ་བོ་རྣམས་ཀྱིས་མཆོད་རྟེན་བརྩིགས་ཏེ། དུས་སྟོན་གྱི་སྲོལ་ཚུགས་པ་ལས། མཆོད་རྟེན་བརྒྱད་དུ་ཡོངས་སུ་གྲགས་པ་བདེ་གཤེགས་མཆོད་རྟེན་དང༌། བྱང་ཆུབ་མཆོད་རྟེན་དང༌། ཆོས་འཁོར་མཆོད་རྟེན་དང༌། ཆོ་འཕྲུལ་མཆོད་རྟེན་དང༌། ལྷ་བབ་མཆོད་རྟེན་དང༌། དབྱེན་ཟླུམ་མཆོད་རྟེན་དང༌། རྣམ་རྒྱལ་མཆོད་རྟེན་དང༌། མྱང་འདས་མཆོད་རྟེན་བཅས་བརྒྱད་དོ། ། |
| Domain | ཆོས་ལུགས། |