52299
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྙིང་མ། མཆོད་རྟེན་བདེ་བྱེད་བརྩེགས་པ་ནི། སྔོན་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ཆོས་སྡེ་རྣམས། སྤྱིའི་རྒྱུད་དང་། བྱེ་བྲག་གི་རྒྱུད་དང་། ཡན་ལག་གི་རྒྱུད་སྡེ་བཅས་སུ་སོ་སོར་ཕྱེས་ཤིང་རིན་པོ་ཆེའི་སྒྲོམ་དུ་བཅུག་ནས་གཏེར་དུ་སྦས་ནས། ཕྱིས་སུ་སློབ་དཔོན་བིམལམིཏྲ་དང་། སློབ་དཔོན་ཧཱུྃཀར། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་ཀླུ་སྒྲུབ་སྙིང་པོ། སློབ་དཔོན་པྲབྷཱཧསྟི། སློབ་དཔོན་དྷནསཾསྐྲྀཏ། སློབ་དཔོན་རམྦུགུཧྱདེཝཙནྡྲ། སློབ་དཔོན་ཤཱནྟིཾགརྦྷ། སློབ་དཔོན་པདྨ་འབྱུང་གནས་བཅས་གྲུབ་པའི་རིག་འཛིན་ཆེན་པོ་རྣམས་ལ་སྒྲུབ་སྡེའི་ཆོས་སྐོར་གཏད་པའི་གནས་མཆོག་ཁྱད་པར་ཅན་སྟེ། དུར་ཁྲོད་བསིལ་བ་ཚལ་དུ་བཞུགས་པའི་མཆོད་རྟེན་ཞིག་ཡིན་པར་གསུངས། དེ་ཡང་། སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བབས་ལས། དུར་ཁྲོད་ཆེན་པོ་བསིལ་བ་ཚལ་ཞེས་བྱ་བ་དེར༔ མཆོད་རྟེན་བདེ་བྱེད་བརྩེགས་པ་ཞེས་བྱ་བ་དེར་ཕྱིན་ནས༔ ཕྱི་མཆོད་རྟེན་ལ་ནང་གཞལ་མེད་ཁང་གི་རྣམ་པར་བྱས་ནས་རིན་པོ་ཆེའི་སྒྲོམ་བུ་རྣམས་བཞུགས་པ་སྟེ༔ རྒྱས་བཏབ་ནས་བཞག་གོ༔ ཞེས་གསུངས་པ་སོགས་འདི་འབྲེལ་གྱི་ལོ་རྒྱུས་སྐོར་རྒྱས་པར་གསལ། |
| Domain | ཆོས་ལུགས། |