52304
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་མཆོད་རྟེན་བསྒྲུབ་པའི་ཆོ་གའི་རིམ་པ། ཟངས་དཀར་ལོ་ཙཱ་བའི་འགྱུར། ཆོས་ཚན་ ༡༧༨༤ པ་ནས་ ༡༨༠༡ པའི་བར་ལ་ཆོས་ཚན་བཅོ་བརྒྱད་བཞུགས་པ་ལས་གཞུང་དངོས་ལ་མཛད་བྱང་འཁོད་པ་ཆོས་ཚན་བརྒྱད་དང་། སྒྱུར་བ་པོ་ཟངས་དཀར་ལོ་ཙཱ་བ་འཁོད་པ་ཆོས་ཚན་གཉིས། པཎྜི་ཏ་མ་ཧཱ་ཛ་ན་འཁོད་པ་གཅིག་སྟེ་གཞན་རྣམས་ལ་མཛད་འགྱུར་མི་གསལ་ཡང་། བུ་སྟོན་དང་པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་དེ་དག་ཐམས་ཅད་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར་”ཡིན་པར་འཁོད། སྡེ་དཀར་དུ་ཆོས་ཚན་ ༡༧༨༤ པ་ནས་ ༡༧༩༣ པའི་བར་ལ་མཛད་འགྱུར་གཉིས་ཀ་མི་གསལ་བ་དང་། ཆོས་ཚན་ ༡༧༩༤ པ་ལ་པཎྜི་ཏ་མ་ཧཱ་ཛཱ་ནའི་རང་འགྱུར་ཡིན་གསུངས་ཞེས་དང་། ཆོས་ཚན་ ༡༧༩༥ པ་ནས་ ༡༨༠༡ པའི་བར་ལ་བུ་སྟོན་སོགས་ཀྱི་དཀར་ཆག་ལྟར་འཁོད་པར་སྣང་ངོ་། ། བསྟན་འགྱུར་རྒྱུད་པུ་པར་བཞུགས། |