52309

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་རྟེན་བྱེད་པའི་ཕན་ཡོན་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition ལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། ༡ རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བར་འགྱུར་བ་ཐོབ་པ། ༢ གཟུགས་བཟང་བར་འགྱུར་བ། ༣ མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ། ༤ དབང་ཆེ་བར་གྲགས་པར་འགྱུར་བ། ༥ གཡོག་འཁོར་ཆེན་པོར་འགྱུར་བ། ༦ གཡོག་འཁོར་མི་ཕྱེད་པར་འགྱུར་བ། ༧ ལོངས་སྤྱོད་ཆེ་བར་འགྱུར་བ། ༨ མངོན་དུ་འགྲོ་བར་བྱ་བར་འགྱུར་བ། ༩ རྟེན་ཏུ་འགྱུར་བ། ༡༠ ཕྱོགས་བཅུར་བརྗོད་པ་དང༌། སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེན་པོ་མངོན་དུ་འབྱུང་བར་འགྱུར་བ། ༡༡ ལྷ་དང་མིས་མཆོད་པར་འགྱུར་བ། ༡༢ ནོར་ཆེན་པོ་མང་པོ་དང་ལྡན་པར་འགྱུར་བ། ༡༣ འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་པར་འགྱུར་བ། ༡༤ ཚེ་དང་ལྡན་པར་འགྱུར་བ། ༡༥ ལུས་རྡོ་རྗེའི་ཚོགས་ལྟར་འགྱུར་བ། ༡༦ ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་འགྱུར་བ། ༡༧ མཐོ་རིས་སུ་སྐྱེ་བར་འགྱུར་བ། ༡༨ མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་བཅས་སོ། །
Domain ཆོས་ལུགས།