52310
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མཆོད་རྟེན་འཇམ་དབྱངས་ནི། སྟོན་པ་ཤཱཀྱ་ཐུབ་པ་རང་བྱུང་དུ་བསྙེན་པར་རྫོགས་པའི་གནས་མཆོད་རྟེན་རྣམ་དག་གི་མཚན་གྱི་རྣམ་གྲངས་ཏེ། གསང་སྔགས་ལུང་གི་བང་མཛོད་ལས། དེ་ནས་དགུང་ལོ་ཉི་ཤུ་ལ་ཤཱཀྱ་བཟའ་ས་འཚོ་མ་ཁབ་ཏུ་བཞེས་ནས༔ ཉི་ཤུ་རྩ་གཉིས་ལ་སྲས་རྒྱལ་བུ་སྒྲ་གཅན་འཛིན་འཁྲུངས་སོ༔ དེ་ནས་དགུང་ལོ་ཉི་ཤུ་རྩ་བརྒྱད་ན་མཆོད་རྟེན་རྣམ་དག་ཅེས་ཀྱང་བྱ༔ མཆོད་རྟེན་འཇམ་དབྱངས་ཞེས་ཀྱང་བྱ་སྟེ༔ ཉིད་ཀྱི་ཐུགས་ལ་བསྟེན་ནས་ཁྲི་འཕངས་སུ་བཞུགས་སུ་གསོལ་ནས༔ ཉིད་ལ་རབ་ཏུ་བྱུང་ནས༔ དེའི་དུས་སུ་མཆོད་རྟེན་འཇམ་དབྱངས་བྱུང་༔ ཞེས་གསུངས། |
| Domain | ཆོས་ལུགས། |