52312
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། སྐུ་རྟེན་ལ་སྐུ་བརྙན་དང། གསུང་རྟེན་ལ་གསུང་རབ། ཐུགས་རྟེན་ལ་མཆོད་རྟེན་ཞེས་པས་འདི་ནི། ཐུགས་ཀྱི་རྟེན་ཡིན་ནོ། །བརྒྱད་ནི། བདེར་གཤེགས་མཆོད་རྟེན་རྣམ་བརྒྱད་ཀྱི་ཐིག་རྩ་མདོར་བསྡུས་ལས། དང་པོ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་དང་། གཉིས་པ་རྣམ་པར་རྒྱལ་བའི་མཆོད་རྟེན་དང་། གསུམ་པ་བཀྲ་ཤིས་སྒོོ་མང་མཆོད་རྟེན་དང། བཞི་བ་བདུད་འདུལ་སྒྲ་སྒྲོགས་མཆོད་རྟེན་དང། ལྔ་བ་པདྨ་སྤུངས་པའི་མཆོད་རྟེན་དང། དྲུག་པ་རི་རྒྱལ་དབྱེན་ཟླུམ་གྱི་མཆོད་རྟེན་དང། བདུན་པ་ལྷ་བབས་གློ་འབུར་སྐས་གདེངས་ཀྱི་མཆོད་རྟེན་དང། བརྒྱད་པ་མྱང་འདས་ཆིག་ཟླུམ་མཆོད་རྟེན་དང་བརྒྱད་དོ། །ཞེས་སོ། ། |
| Domain | ཆོས་ལུགས། |