52313

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོན་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། འཇིག་རྟེན་ན་གདུགས་ལྟ་བུར་འགྱུར་བ། ལུས་ལ་གདུང་བ་མེད་པར་འགྱུར་བ། སེམས་ལ་གདུང་བ་མེད་པར་འགྱུར་བ། འཇིག་རྟེན་གྱི་རྟེན་དུ་འགྱུར་བ། བདག་པོར་འགྱུར་བའི་ལས་བྱེད་ཅིང་གསོག་པ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡང་དང༌། ཡང་འཐོབ་པ། དབང་ཆེ་བར་གྲགས་པར་འགྱུར་བ། ལོངས་སྤྱོད་ཆེ་བར་འགྱུར་བ། མཐོ་རིས་སུ་སྐྱེ་བར་འགྱུར་བ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། །
Domain ཆོས་ལུགས།