52315

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་རྟེན་ལ་གོས་ཕུལ་བའི་ཕན་ཡོན་བཅུ་གཉིས་ (1)
Part of speech མིང་ཚིག
Definition ལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། ༡ མཛེས་ཤིང་བལྟ་ན་སྡུག་པར་འགྱུར་བ། ༢ པགས་པ་འཇམ་པ་དང་། པགས་པ་སྣུམ་པ་དང་། པགས་པ་སྲབ་པ། ༣ དེའི་ལུས་ལ་རྡུལ་དང་། དྲི་མ་མི་འཆགས་པ། ༤ དེའི་གོས་བཟང་པོར་འགྱུར་བ། ༥ གདིང་བ་རྙེད་པར་འགྱུར་བ། ༦ བགོ་བ་ཕྲ་མོ་རྙེད་པར་འགྱུར་བ། ༧ ངོ་ཚ་ཤེས་པ། ༨ ཁྲེལ་ཡོད་པ་ཕུན་སུམ་ཚོགས་པར་འགྱུར་བ། ༩ མཐོང་ན་དགའ་བར་འགྱུར་བ། ༡༠ ལོངས་སྤྱོད་ཆེ་བར་འགྱུར་བ། ༡༡ མཐོ་རིས་སུ་སྐྱེ་བར་འགྱུར། ༡༢ མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་བཅས་སོ། །
Domain ཆོས་ལུགས།