52317

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་རྟེན་ལ་དྲིལ་བུ་ཕུལ་བའི་ཕན་ཡོན་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། གཟུགས་བཟང་བར་འགྱུར་བ། སྒྲ་སྙན་པར་འགྱུར་བ། ཡིད་དུ་འོང་བ་སྨྲ་བ་དང་ལྡན་པར་འགྱུར་བ། ཀ་ལ་པིང་ཀའི་སྒྲ་ལྟ་བུར་སྨྲ་བ་དང་ལྡན་པར་འགྱུར་བ། གཟུང་བའི་ཚིག་ཏུ་འགྱུར་བ། རབ་ཏུ་དགའ་བར་འགྱུར་བ། ཀུན་ཏུ་དགའ་བའི་རྒྱ་ཆེན་པོའི་སྒྲ་འཐོབ་པ། ལོངས་སྤྱོད་ཆེ་བར་འགྱུར་བ། མཐོ་རིས་སུ་སྐྱེ་བར་འགྱུར་བ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། །
Domain ཆོས་ལུགས།