52320
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལས་རྣམ་པར་འབྱེད་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་དབུལ་བའི་ཕན་ཡོན་བཅུ་སྟེ། ༡ འཇིག་རྟེན་ན་རྒྱལ་མཚན་ལྟ་བུར་འགྱུར་བ། ༢ མཛའ་བཤེས་དང༌། བློན་པོ་དང༌། ཉེ་དུ་དང༌། སྣག་གི་གཉེན་མཚམས་རྣམས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་པ། ༣ ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་གྲགས་པ་དང་བརྗོད་པ། ༤ སྒྲ་དང་ཚིགས་སུ་བཅད་པ་མངོན་དུ་འབྱུང་བ། ༥ གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་འགྱུར་བ། ༦ སྐྱེ་བ་གཞན་རྣམས་སུ་ཚེ་རིང་ཞིང་རིང་དུ་གནས་པར་འགྱུར་བ། ༧ དབང་ཆེ་བར་གྲགས་པར་འགྱུར་བ། ༨ རིགས་བཙུན་པར་སྐྱེ་བར་འགྱུར་བ། ༩ ལོངས་སྤྱོད་ཆེན་པོར་འགྱུར་བ། ༡༠ མཐོ་རིས་སུ་སྐྱེ་བར་འགྱུར་བ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། ། |
| Domain | ཆོས་ལུགས། |