52323

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་བཅུ་ (1)
Part of speech མིང་ཚིག
Definition ལས་རྣམ་པར་འབྱེད་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་བཅུ་སྟེ། འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ། ཤའི་མིག་རྣམ་པར་དག་པར་འགྱུར་བ། ལྷའི་མིག་འཐོབ་པར་འགྱུར་བ། དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ། མ་རིག་པ་དང༌། གཏི་མུག་གི་མུན་པ་སེལ་བ། ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་བ། དེ་འཁོར་བ་ན་འཁོར་བའི་ཚེ། ནམ་དུ་ཡང་མིན་པ་ན་གནས་པར་མི་འགྱུར་བ། ལོངས་སྤྱོད་ཆེ་བར་འགྱུར་བ། མཐོ་རིས་སུ་སྐྱེ་བར་འགྱུར་བ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། །
Domain ཆོས་ལུགས།