52324
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལས་རྣམ་པར་འབྱེད་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་སྟེ། འཇིག་རྟེན་མེ་ཏོག་ལྟ་བུར་འགྱུར་བ། དེའི་སྣའི་དབང་པོ་ནམ་ཡང་ཉམས་པར་མི་འགྱུར་བ། ལུས་ཀྱི་དྲི་ང་བ་རྣམ་པར་དག་པར་འགྱུར་བ། དྲི་ཞིམ་པོ་འབྱུང་བར་འགྱུར་བ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་ཚུལ་ཁྲིམས་ཀྱི་དྲིའི་ངད་ལྡང་བར་འགྱུར་བ། འཇིག་རྟེན་ཀྱིས་མངོན་དུ་འགྲོ་བར་བྱ་བར་འགྱུར་བ། སྡུག་པའི་ཆོས་རྣམས་འཐོབ་པར་འགྱུར་བ། ལོངས་སྤྱོད་ཆེ་བར་འགྱུར་བ། མཐོ་རིས་སུ་སྐྱེ་བར་འགྱུར་བ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། ། |
| Domain | ཆོས་ལུགས། |