52325
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལས་རྣམ་པར་འབྱེད་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སིལ་སྙན་ཕུལ་བའི་ཕན་ཡོན་བཅུ་སྟེ། གཟུགས་བཟང་ཞིང་བལྟ་ན་སྡུག་པར་འགྱུར་བ། སྐད་སྙན་པར་འགྱུར་བ། ཡིད་དུ་འོང་བར་སྨྲ་བ་དང་ལྡན་པར་འགྱུར་བ། གྲགས་པ་དང་ལྡན་པར་འགྱུར་བ། གཟུང་བའི་ཚིག་ཏུ་འགྱུར་བ། རྟག་ཏུ་དགའ་བར་འགྱུར་བ། ཀུན་དགའ་བའི་སྒྲ་རྒྱ་ཆེན་པོ་འཐོབ་པར་འགྱུར་བ། ལོངས་སྤྱོད་ཆེ་བར་འགྱུར་བ། མཐོ་རིས་སུ་སྐྱེ་བར་འགྱུར་བ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། ། |
| Domain | ཆོས་ལུགས། |