52327

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་རྟེན་སུམ་བརྒྱ་དྲུག་ཅུ་ (1)
Part of speech མིང་ཚིག
Definition བོན། སྟོན་པ་གཤེན་རབ་མི་བོ་མཆོག་གིས་ཕྱི་རོལ་གདུལ་བྱ་རྣམས་ལ་རྗེས་སུ་བཞག་པའི་བསྟན་པ་རྣམ་གསུམ་ལས། ཐུགས་ཀྱི་བསྟན་པ་མཆོད་རྟེན་སུམ་བརྒྱ་དྲུག་ཅུ་ཇི་ལྟར་བཞག་པ་ནི། གཞི་ཡི་གནས་ལུགས་ལ་འཁྲུལ་བའི་མ་རིག་པ་ཕྲ་རགས་སོགས་ཀྱིས་འཁྲུལ་རྟོག་སུམ་བརྒྱ་དྲུག་ཅུ་སྐྱེ་བས། དེ་ལ་མཁྱེན་དང་བརྩེ་བས་གཟིགས་ནས་ཡེ་ཤེས་ཀྱི་གཉེན་པོ་སུམ་བརྒྱ་དྲུག་ཅུ་དང། དེའི་ཐུགས་རྗེའི་སྟོབས་ཀྱིས་མཆོད་རྟེན་སུམ་བརྒྱ་དྲུག་ཅུ་རུ་གྲུབ་པ་སྟེ། མདོ་དྲི་མེད་གཟི་བརྗིད་པོད་བརྒྱད་པ་ལས། མ་རིག་མ་རྟོགས་འཁྲུལ་བ་ཡི། ལས་དང་བག་ཆགས་རྐྱེན་བསྐུལ་ནས། འཁྲུལ་རྟོག་སུམ་བརྒྱ་དྲུག་ཅུར་ལྡང་། དེ་དག་འདུལ་བའི་གཉེན་པོ་ལས། ཡེ་ཤེས་སུམ་བརྒྱ་དྲུག་ཅུ་སྟེ། དེ་ཉིད་འགྲོ་བ་འདུལ་བའི་ཕྱིར། དབྱིངས་ན་བཞུགས་པའི་བདེ་བར་གཤེགས། ཐུགས་རྗེ་ཐབས་མཆོག་སྤྲུལ་བ་དང། མཁྱེན་དང་བརྩེ་བའི་བདག་ཉིད་ལས། ཐབས་དང་ཤེས་རབ་ཟུང་འབྲེལ་ཕྱིར། བླ་ན་མེད་ཅིང་བླ་མེད་པའི། འགྲོ་ཀུན་ཐར་པར་འདྲེན་པའི་ཕྱིར། མཆོད་པའི་གནས་དང་བཀུར་བའི་ཞིང། མཆོད་རྟེན་སུམ་བརྒྱ་དྲུག་ཅུ་སྟེ། ཞེས་སོ། །སུམ་བརྒྱ་དྲུག་ཅུ་ནི། བོན་ཉིད་དབྱིངས་ཀྱི་མཆོད་རྟེན་བརྒྱ་ཉི་ཤུ། རང་བཞིན་མཁའ་ཡི་མཆོད་རྟེན་བརྒྱ་ཉི་ཤུ། སྤྲུལ་པ་ཀློང་གི་མཆོད་རྟེན་བརྒྱ་ཉི་ཤུ་བཅས་ཡིན་ནོ། །
Domain ཆོས་ལུགས།