52462

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་གཞག་གི་ལྔ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྔ་ཕྲུགས་ཉེར་གཅིག་གི་ནང་ཚན་ཞིག དེའི་ཡན་ལག་དང་གྲངས་འདྲེན་དང་བཅས་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བསྟན་ཚུལ་གྱི་དབང་དུ་བྱས་ན། བརྩོན་འགྲུས་བརྩམས་པ་ཉིད་དང་། ཤེས་རབ་དང་ལྡན་པ་ཉིད་དང་ཡང་སྦྱར་རོ། །དྲན་པ་དང་ལྡན་པ་ཉིད་དང་། ནང་དུ་ཡང་དག་པར་བཞག་པ་ཉིད་དང་། མཉམ་པར་བཞག་པ་ཉིད་དོ། །ཞེས་པའི་མདོ་ལས་བསྟན་ཅིང་། བསྟན་དོན་ཡང་། དྲན་པ་དང་ལྡན་པ་དང། བརྩོན་འགྲུས་བརྩམས་པ་དང་། ཤེས་རབ་དང་ལྡན་པ་གསུམ་གྱི་སྟེང་དུ་མང་ཚུལ་གཉིས་བསྣན་པ་དང་པོ་དང་། ནང་དུ་ཡང་དག་པར་འཇོག་པ་སོགས་གསུམ་གྱི་སྟེང་དུ་མང་ཚུལ་གཉིས་བསྣན་པ་གཉིས་པ་དང་། མཉམ་པར་བཞག་པ་དང་ལྡན་པ་སོགས་གསུམ་གྱི་སྟེང་དུ་མང་ཚུལ་གཉིས་བསྣན་པ་གསུམ་པ་ཡིན་པའི་ཕྱིར། ནང་དུ་ཡང་དག་པར་བཞག་པ་དང་། མཉམ་པར་བཞག་པ་གཉིས་ཀྱི་ཁྱད་པར་ཡོད་དེ། གཉིས་ཀ་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་བཞག་པར་འདྲ་ཡང་། བྱིང་རྒོད་ཕྲ་མོའི་སྐྱོན་དང་མ༌བྲལ་བའི་ཚེ་དང་པོ་དང་། བྲལ་བའི་ཚེ་གཉིས་པ་ཡིན་པའི་ཕྱིར། མང་དུ་ཐོས་པ་ཞེས་གསུངས་པ་རྣམས་ཀྱི་དོན་ཡོད་དེ། ལྔ་པ་རང་གི་ཡན་ལག་ཏུ་སྡེ་སྣོད་གསུམ་ཤེས་ཀྱི་ཡོན་ཏན་མ་བགྲངས་ན་དེ་གསུམ་གྱི་ཚིག་དོན་མང་དུ་ཐོས་པ་ལ་བྱེད། བགྲངས་ན་ཕྱི་རིག་པའི་བསྟན་བཅོས་མང་དུ་ཐོས་པ་ལ་བྱེད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།