52465

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་ཉིད་ཀྱི་དཔེ་ (1)
Part of speech མིང་ཚིག
Definition དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་བཅོ་ལྔ་པ་སྟེ། དོན་གྱི་ཆོས་མཚུངས་སྒྲ་ལ་སྦྱར་ནས་བརྗོད་བྱའི་ཚིག་གི་སྒྲ་གཅིག་ལ་གཅོད་མཚམས་མི་འདྲ་བ་གཉིས་ཕྱེ་སྟེ་མཚུངས་ཆོས་སྒྲ་མཉམ་པའི་སྒོ་ནས་བརྗོད་བྱ་དཔེ་དང་དཔེ་ཅན་གཉིས་གཅིག་མཚུངས་སུ་སྒྲུབ་པའམ། ཡང་ན་མིང་གཅིག་ལ་དོན་མི་འདྲ་བ་གཉིས་སུ་ཕྱེ་ནས་བརྗོད་བྱ་དཔེ་དང་དཔེ་ཅན་གཉིས་ཀའི་མཚུངས་ཆོས་ལ་མཉམ་ཉིད་དམ་ཁྱབ་མཉམ་དུ་འཇུག་པ་གང་རུང་ཞིག་ལ་ཟེར།
Example བོད་མཁས་པས། རྣམ་འདྲེན་ངག་གི་དབང་ཕྱུག་བུངྔྷའི་ཞབས། །མ་དྲོས་གདེངས་ཅན་བདག་པོའི་ངོ་མཚར་བཞིན། ། ཕུན་ཚོགས་ཀུན་གྱི་བྱེད་པོ་དེ་དབང་ཆུའི། །རྒྱུན་མཆོག་རྣམ་བཞི་འབེབས་ལ་མཁས་པས་སོ། །ཞེས་པ་ལྟ་བུ།
Domain རྩོམ་རིག

{{#arraymap:མཉམ་ཉིད་ཀྱི་དཔེ་

|; |@@@ | | }}