52481

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་པ་ཉིད་ཀྱི་ཡེ་ཤེས་ (1)
Part of speech མིང་ཚིག
Definition མདོ། ཐེག་ཆེན། མཉམ་པ་ཉིད་ཀྱི་ཡེ་ཤེས་ལའང་གཉིས་ལས། རྒྱུ་ལ་ངོ་བོའི་རྒྱུ་ནི། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་སྒོམ་པ་ལས་བྱུང་བ་ཡིན་ཏེ་སེམས་མཉམ་ཕྱིར་ཞེས་སོ། །གནས་འགྱུར་གྱི་རྒྱུ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །ངོ་བོའི་ཁྱད་པར་ནི་འཁོར་འདས་ཀྱི་མཐའ་ལ་མི་གནས་པའི་ཆ་ནས་འཇོག་པའོ་ཞེས་ཀུན་མཁྱེན་གོ་རམས་པས་དབུ་མ་སྤྱི་དོན་ལས་གསུངས་སོ། ། རྒྱུའི་ཁྱད་པར་བདག་གཞན་མཉམ་པ་ཉིད་བསྒོམ་པ་ལས་བྱུང་ཞིང། ངོ་བོའི་ཁྱད་པར་མི་གནས་པའི་མྱང་འདས་ལ་ཞུགས་ཤིང། མཐུའི་ཁྱད་པར་བྱམས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ། མཉམ་ཉིད་ཡེ་ཤེས་ཀྱི་མཚན་ཉིད། དེ་སྐད་དུ་ཡང། སྒོམ་པ་དག་པ་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་གསུམ་ཀུན་དུ་བྱམས་པ་དང། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །ཞེས་གསུངས་སོ། །ཞེས་པཎ་ཆེན་ཤཱཀ་མཆོག་གིས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།
མཉམ་པ་ཉིད་ཀྱི་ཡེ་ཤེས་ (2)
Part of speech མིང་ཚིག
Definition མཉམ་ཉིད་ཡེ་ཤེས་དེ་ནི། ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་ཞི་མཐའ་ལ་མི་གནས་པའི་ངོ་བོ་ཅན་དང༌། བྱེད་ལས་གདུལ་བྱ་རྣམས་ཀྱི་སྐལ་བ་དང་འཚམ་བར་གཟུགས་སྐུ་རྣམ་པ་སྣ་ཚོགས་པ་སྟོན་པའི་བྱེད་ལས་དང་ལྡན་པ་ཡིན་ནོ། །