52482

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་པ་ཉིད་ཀྱི་ཡེ་ཤེས་ཡོངས་སུ་གྲུབ་པ་རིག་པར་བྱ་བ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་སངས་རྒྱས་ཀྱི་ས་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ མཚན་དང༌། བདག་པོ་དང༌། དགའ་བ་མཉམ་པ་ཉིད་ཁོང་དུ་ཆུད་པ་ཡོངས་སུ་གྲུབ་པ་ལས་རིག་པར་བྱ་བ། ༢ རྟེན་ཅིང་འབྲེལ་བར་འབྱུང་བ་ཉམས་སུ་མྱོང་བ་མཉམ་པ་ཉིད་ཁོང་དུ་ཆུད་པ་ཡོངས་སུ་གྲུབ་པ་ལས་རིག་པར་བྱ་བ། ༣ མཚན་ཉིད་དབེན་པ་མཚན་ཉིད་མེད་པར་མཉམ་པར་ཉིད་ཁོང་དུ་ཆུད་པའི་ཡོངས་སུ་གྲུབ་པ་ལས་རིག་པར་བྱ་བ། ༤ ཡོངས་སུ་སྐྱོབ་པའི་རྣམ་པའི་བྱམས་པ་ཆེན་པོ་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡོངས་སུ་གྲུབ་པ་ལས་རིག་པར་བྱ་བ། ༥ ཡལ་བར་མི་འདོར་བའི་རྣམ་པའི་སྙིང་རྗེ་ཆེན་པོ་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡོངས་སུ་གྲུབ་པ་ལས་རིག་པར་བྱ་བ། ༦ སེམས་ཅན་ཐམས་ཅད་ལ་མོས་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་ལུས་ཀུན་ཏུ་སྟོན་པ་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་རིག་པར་བྱ་བ། ༧ སེམས་ཅན་ཐམས་ཅད་ཀྱིས་གཟུང་བར་འོས་པའི་ཚིག་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་རིག་པར་བྱ་བ། ༨ འཇིག་རྟེན་ཉེ་བར་ཞི་བ་དང་རོ་གཅིག་པ་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་རིག་པར་བྱ་བ། ༩ འཇིག་རྟེན་གྱི་ཆོས་བདེ་བ་དང༌སྡུག་བསྔལ་རོ་གཅིག་པ་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡོངས་སུ་གྲུབ་པ་ལས་རིག་པར་བྱ་བ། ༡༠ ཡོན་ཏན་ཤིན་ཏུ་བསྐྱེད་པ་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡོངས་སུ་གྲུབ་པ་ལས་རིག་པར་བྱ་བའོ། །
Domain ཆོས་ལུགས།