52484

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་པ་ཉིད་ཀྱི་ལྷ་བརྒྱད་ (1)
Part of speech མིང་ཚིག
Definition བོན། ཀུན་དབྱིངས་སྐུ་ལྔ་ལྷ་དགུ་ལས་ལྷ་ཆེན་ཨ་ཏི་མུ་ཝེར་གྱི་བཀའ་འཁོར་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། ལྷ་ཆེན་དེ་ཡི་བཀའ་འཁོར་ནི། མཉམ་པ་ཉིད་ཀྱི་ལྷ་བརྒྱད་དེ། ཞེས་སོ། །བརྒྱད་ནི། ལྷ་ཆེན་ཀུ་བྱི་མང་སྐེ། ལྷ་ཆེན་ཀུ་ཡེ་མང་སྐེ། ལྷ་ཆེན་མཉམ་ཉིད་རྒྱལ་པོ། ལྷ་ཆེན་ཏིང་འཛིན་རྒྱལ་པོ། ཀུན་མཁྱེན་རིག་པའི་རྒྱལ་པོ། ཀུན་དབང་འཕྲུལ་གྱི་རྒྱལ་པོ། ལྷ་ཆེན་འཕྲུལ་གསས་ངང་རིང་། ལྷ་ཆེན་ཡིད་བཞིན་ནོར་བུ་དང་བརྒྱད་དོ། །དེ་དག་གི་སྐུ་མདོག་ཆ་ལུགས་སོགས་ཡིག་ཚོགས་མང་རྐྱེན་འདིར་མ་བཀོད། གཟི་བརྗིད་པོད་གསུམ་པ་ལ་གཟིགས།
Domain ཆོས་ལུགས།