52485
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། མཉམ་པ་ཉིད་བཞིའི་གཏན་ཚིགས་ནི། རྟོགས་པ་ལམ་གྱི་གཞི་སྒྲུབ་བྱེད་ཀྱི་གཏན་ཚིགས་དང་པོ་སྟེ། ཡིད་ཀྱི་མུན་སེལ་ལས། མཉམ་པ་ཉིད་བཞི། དག་པ་གསུམ། རྟོགས་པ་བཞིའི་གཏན་ཚིགས་ཀྱིས་གནས་ལུགས་ཀྱི་གཞི་རྟོགས་པ་ལམ་གྱི་གཞིར་བསྒྲུབ་པའོ། །དང་པོ་ནི། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །ཞེས་པས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཅན། ཡེ་ནས་དག་མཉམ་རྫོགས་པ་ཆེན་པོར་གནས་པ་ཡིན་ཏེ། གདོད་མ་ནས་མཉམ་པ་ཉིད་བཞིའི་རང་བཞིན་དུ་གནས་པའི་ཕྱིར་རོ། །དེ་ལ་ཐུན་མོང་གི་མཉམ་པ་གཉིས་དང་། ལྷག་པའི་མཉམ་པ་གཉིས་སོ། །ཞེས་དང་། རྒྱུད་གསང་བ་སྙིང་པོའི་ལྟ་བའི་སྐབས་ཀྱི་གཏན་ཚིགས་རྣམས་རིགས་པས་བསྒྲུབས་ཏེ་ངག་དོན་དུ་བཀོད་པ་ལས། སྤྲོས་པ་ཕྱོགས་རེ་ཆོད་པའི་རྣམ་གྲངས་པའི་དོན་དམ་དང་། སྤྲོས་པ་མཐའ་དག་ཆོད་པའི་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཆོས་ཅན། དོན་དམ་ཙམ་དུ་མཉམ་པ་ཡིན་ཏེ། རང་བཞིན་མ་གྲུབ་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་དང་། སྣང་ལ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་གཉིས་ཆོས་ཅན། ཀུན་རྫོབ་ཙམ་དུ་མཉམ་པ་ཡིན་ཏེ། རང་ངོའི་སྣང་བ་དང་ལྡན་ཞིང་བརྟགས་ན་དབེན་པའི་ཕྱིར་རོ། །རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཆོས་ཅན། ལྷག་པའི་དོན་དམ་སྐོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པས་མཉམ་སྟེ། དབྱིངས་དེ་ནི་ཡེ་ནས་ཡེ་ཤེས་དང་གཉིས་སུ་མེད་པའི་གནས་ལུགས་ཡིན་པའི་ཕྱིར། ཡང་ལོག་གི་ཀུན་རྫོབ་གཉིས་ཆོས་ཅན། ཟུང་འཇུག་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་སྟེ། སྣང་བའི་གནས་ཚུལ་ཡེ་ནས་དག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཞེས་གསུངས། |
| Domain | ཆོས་ལུགས། |