52487

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་པ་ཉིད་ལ་གནས་པའི་ཆོས་བརྒྱད་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་བུ་མོ་རྣམ་དག་དད་པས་ཞུས་པའི་ལེའུ་ལས་བྱུང་བ་སྟེ། སེམས་ཅན་ཐམས་ཅད་མཉམ་པར་གྱུར་པ་སྟེ། རང་བཞིན་གྱི་བདག་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་མཉམ་པར་གྱུར་པ་སྟེ། ཆོས་ཐམས་ཅད་རབ་ཏུ་དབེན་པའི་ཕྱིར་རོ། །ཞིང་ཐམས་ཅད་མཉམ་པར་གྱུར་པ་སྟེ། སྟོང་པ་ཉིད་ཀྱི་ཁམས་སུ་འཇུག་པར་འགྱུར་བའི་ཕྱིར་རོ། །ཤེས་པ་ཐམས་ཅད་མཉམ་པར་གྱུར་པ་སྟེ། མཉམ་པ་ཉིད་སྟོང་པའི་ཕྱིར་རོ། །སྤྱོད་པ་ཐམས་ཅད་མཉམ་པར་གྱུར་པ་སྟེ། རྒྱུ་དང་རྐྱེན་ལ་རང་བཞིན་མེད་པའི་ཕྱིར་རོ། །ཐེག་པ་ཐམས་ཅད་མཉམ་པར་གྱུར་པ་སྟེ། འདུས་མ་བྱས་སུ་མཚུངས་པའི་ཕྱིར་རོ། །སེམས་མཉམ་པར་གྱུར་པ་སྟེ། སེམས་སྒྱུ་མ་དང་མཚུངས་པའི་ཕྱིར་རོ། །བདུད་རྣམས་མཉམ་པར་གྱུར་པ་སྟེ། ཉོན་མོངས་པའི་ཐོག་མ་མི་དམིགས་པའི་ཕྱིར་རོ། །
Domain ཆོས་ལུགས།