52489

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་པ་ཉིད་ལ་དགོངས་པའི་མདོ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། རྒྱུ་ཚོགས་གཉིས་མཉམ་པ། འབྲས་བུ་སྐུ་གཉིས་མཉམ་པ། འཕྲིན་ལས་སེམས་ཅན་གྱི་དོན་བྱེད་པར་མཉམ་པ་སྟེ་མཉམ་པ་གསུམ་ལ་དགོངས་ནས་གསུངས་པའི་དྲང་དོན་གྱི་མདོ་ཞིག་ལ་ཟེར། དེ་ལྟར་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། བདག་ཅག་གི་སྟོན་པས་མཉམ་པ་ཉིད་གསུམ་ལ་དགོངས་ནས་ང་ཉིད་དེའི་ཚེ་དེའི་དུས་ན་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ། །ཞེས་པའི་མདོ་ལྟ་བུའོ། །དེ་ལྟར་གསུངས་པའི་རྒྱུ་མཚན་ནི། བདག་ཅག་གི་སྟོན་པ་དང་རྣམ་གཟིགས་གཉིས་རྒྱུ་ཚོགས་གཉིས་རྫོགས་པར་མཉམ། འབྲས་བུ་ཆོས་སྐུ་བརྙེས་པར་མཉམ། བྱེད་ལས་སེམས་ཅན་གྱི་དོན་བྱེད་པར་མཉམ་པའི་ཕྱིར་ཏེ། མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །མཉམ་པ་ཉིད་དེ། ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།