52495

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་པ་ལྔའི་གཏན་ཚིགས་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། མཉམ་པ་ལྔའི་གཏན་ཚིགས་ནི། མ་ཧཱ་ཡོ་གའི་ལྟ་བ་གཏན་ལ་འབེབས་པར་བྱེད་པའི་གཏན་ཚིགས་ཀྱི་བྱེ་བྲག་ལས། ཚིག་དོན་མི་མཐུན་པའི་གཏན་ཚིགས་ཀྱི་ནང་གསེས། ཚད་མ་བཀའ་གཞུང་གི་གཏན་ཚིགས་ཀྱི་ཡ་གྱལ་ཞིག་སྟེ། ཐེག་དགུ་སྤྱི་ཆིངས་ཀྱི་འགྲེལ་བཤད་ཉི་མའི་འོད་ཟེར་ལས། ཚད་མ་བཀའ་གཞུང་གི་གཏན་ཚིགས་ལ། རྟོགས་པ་བཞི། དག་པ་གསུམ། མཉམ་པ་བཞིའམ་ལྔ་ཡིན་ནོ། །ཞེས་གསུངས། མཉམ་པ་ལྔའི་སྐབས་སུའང་གཟིགས།
Domain ཆོས་ལུགས།