52498

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་པའི་ཡོན་ཏན་ (1)
Part of speech མིང་ཚིག
Definition ཐུན་མོང་མ་ཡིན་པའི་རྒྱན་བཅུ་ཡི་ནང་གསེས་གསུམ་པ་སྟེ། ལྷོ་བའི་ལུགས་ལ། སྣར་ཐང་ལོ་ཙྭ་བས་བཞེད་པ་ལྟར་ན། ལྔ་བ་ཆེན་པོ་དང་། བོད་མཁས་སོགས་ཀྱིས། ཚིག་སྦྱོར་གྱི་ཡི་གེ་འཇམ་རྩུབ་ཆ་མཉམ་པ་སྟེ། སྲོག་ཆེན་དང་སྲོག་ཆུང་གི་ཡི་གེ་གཉིས་ཀྱི། ཚིག་སྦྱོར་ཕྱེད་སྔ་མར་འཇམ་པའི་ཡི་གེ་བྱུང་ན། ཕྱེད་ཕྱི་མར་རྩུབ་པའི་ཡི་གེ་བཀོད་པ་སོགས། ཡི་གེ་འཇམ་རྩུབ་ཀྱི་རྐང་པའི་གྲངས་སམ་དོ་མཉམ་པར་བཞེད། ཡང་ཟུར་མཁར་བ་སོགས་ཀྱིས། གོང་གི་མཚན་ཉིད་འདི་ཤར་བའི་ལུགས་སུ་འདོད་དེ། ལྷོ་བའི་ལུགས་ལ་ཡི་གེ་འཇམ་ན་འཇམ་པར་མཉམ། རྩུབ་ན་རྩུབ་པར་མཉམ། བསྲེས་པ་བར་མར་མཉམ་པ་ཞིག་ཏུ་འདོད་ཀྱང་། དེ་ནི་དོ་མཉམ་པའི་ཐ་སྙད་མེད་པས་གཞུང་དོན་དང་མི་འབྲེལ་བར་གསུང་། །
Domain རྩོམ་རིག