52511
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། སྔགས། སྤྱོད་རྒྱུད། ཕྱག་རྒྱ་ཞིག་གི་མིང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་དབང་བསྐུར་བ་ལ་ཕྱག་རྒྱ་དང་། སྙིང་པོ། རྫས། ཚིག་བཤད། ཏིང་འཛིན་དང་ལྔའི་སྒོ་ནས་བསྟན་ལ། ཕྱག་རྒྱ་བཅའ་ལུགས་ནི། མདོ་གཟེར་མིག་ལས། གཡོན་པས་ཐལ་མོ་ཐུགས་ཀར་གཏད། གཡས་པས་ཐལ་མོ་གནམ་ལ་བཏེག་གིན་ས་ལ་ཕབ་བོ། །ཞེས་སོ། །མཚོན་དོན་ནི། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། མཉམ་བདལ་འོད་འགྱེད་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་དགོངས་པས། གཞན་ལ་དབང་བསྐུར་བ་སྟེ་ཡོན་ཏན་གྱི་མིང་ངོ་། །གཡོན་པས་ཐུགས་ཀར་གཏད་པ་ནི། རིག་པའི་ཡེ་ཤེས་རང་དབང་དུ་གྱུར་པའི་དོན་ནོ། །གཡས་གནམ་ལ་བཏེག་གིན་ས་ལ་ཕབ་པ་ནི། གཞན་ལ་དབང་བྱིན་ཕབ་ནས་དབང་བསྐུར་བའི་དོན་ནོ། །ཞེས་སོ། ། |
| Domain | ཆོས་ལུགས། |