52520

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཉམ་མེད་བཀའ་འབུམ་ (1)
Part of speech མིང་ཚིག
Definition བོན། ༧རྒྱལ་བ་གཉིས་པ་༧མཉམ་མེད་ཤེས་རྒྱལ་མཚན་གྱི་གསུང་རྩོམ་སྟེ། ཕྱི་མཚན་ཉིད་ཀྱི་སྡེ་ལྔའི་སྐོར། ཀུན་འབྱུང་མཛོད་ཀྱི་སྡེ་ལ། མཛོད་འགྲེལ་གསལ་བྱེད་འཕྲུལ་གྱི་སྒྲོན་མེ་ས་བཅད་དང་བཅས་པ། ཏིང་འཛིན་དག་པ་མདོ་ཡི་སྡེ་ལ། ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་གྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་དང། ས་ལམ་རྣམ་བཤད་འཕྲུལ་གྱི་སྒྲོན་མེ་རྩ་འགྲེལ་གཉིས། ཐར་ལམ་གྱི་རིམ་པ་གསལ་བར་བྱེད་པའི་སྒྲོན་མེ་ཉི་མའི་འོད་ཟེར། ཤེས་རབ་དག་པ་འབུམ་གྱི་སྡེ་ལ། ཁམས་སྡུད་ཚིགས་བཅད་མའི་འགྲེལ་བ་ས་བཅད་དང་བཅས་པ། ཚུལ་ཁྲིམས་རྣམ་དག་འདུལ་བའི་སྡེ་ལ། རྗེ་བཙུན་ཡར་མེ་བའི་འདུལ་བ་མདོར་བསྡུས་དང་ཀུན་བཏུས་གཉིས་ཀྱི་འགྲེལ་བ་ས་བཅད་དང་བཅས་པ། ལས་ཆོག་རིན་ཆེན་ཐེམ་སྐས། འདུལ་ཕྱག་རྒྱས་བསྡུས་གཉིས། གཞལ་བྱ་དབུ་ཚད་རིག་པའི་སྡེ་ལ། དབུ་མ་བདེན་གཉིས་ཀྱི་འགྲེལ་བ་དང་། ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མའི་གཞུང་འགྲེལ་གཉིས། དེ་རྣམས་ཀྱི་རྩོད་སྤང་ཐལ་ཕྲེང་ལ་སོགས་དང་། སྔགས་སེམས་ཀྱི་སྐོར་ལ། གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ། གསང་བའི་དམ་ཚིག་གི་རྣམ་དབྱེ་གསལ་བ་འོད་ཀྱི་རྒྱན། བྱང་སེམས་གབ་པའི་འགྲེལ་བ་གསལ་བྱེད་ཉི་མའི་དཀྱིལ་འཁོར་ས་བཅད་དང་བཅས་པ། མདོར་ན་རྗེའི་འཕྲུལ་སྒྲོོན་རྣམ་ལྔར་འདུས་པའི་གཞུང་པོད་ཆེན་ལྔ་དང་། ཕྱི་ནང་གསང་གསུམ་གྱི་བོན་སྡེ་མང་པོའི་ཕྱག་བཞེས་དང་། ཆོག་ཁྲིག མངོན་རྟོགས། གཟུངས་སྒྲུབ། ཆ་ལག་ཁ་སྐོང་། རྒྱུད་ཕྱག སྐོང་བ། གསོལ་འདེབས། དབང་ཁྲིད། དཀྱིལ་འཁོར་ཐིག་རྩ། གྱེར་དབྱངས་གར་འཆམ། རྫས་སྔགས་ཕྱག་རྒྱ། ཚིག་བཤད་ཀྱི་གསལ་བྱེད་ལ་སོགས་ལུང་དོན་ཐུགས་རྒྱུད་ལེན་ནས་བརྩམས་པ་དང། རིག་འཛིན་མཁའ་འགྲོའི་སྙན་རྒྱུད་ལས་བྱུང་བ་སོགས་གང་ཡང་རུང་བའི་སྒོ་ནས། རྒྱ་ཆེན་པོ་བསྡུས་པར་བྱེད་པ་དང་། འཁྲུག་པ་གོ་རིམ་བསྡེབ་པ། ཟབ་མོ་རྣམ་པར་འབྱེད་པ་སོགས་ཀྱི་བཀའ་བརྟེན་གླེགས་བམ་བཅུ་ཕྲག་ལྷག་བཀའ་དྲིན་སྩལ་ཡོད།
Domain ཆོས་ལུགས།