52522
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་གསུམ་པའི་མེ་ཡོས་ཕྱི་ལོ ༡༡༤༧ ལོར་ཡར་འབྲོག་སྟག་ལུང་དུ་ཡབ་སངས་རྒྱས་ནམ་མཁའ་དང་། ཡུམ་འོད་ལྡན་གཉིས་ཀྱི་སྲས་སུ་འཁྲུངས། གདུང་རུས་ནི་སྒྲད་ཡིན། བྱིས་དུས་ཀྱི་མཚན་ལ་ཤཱཀྱ་རྡོ་རྗེ་ཞེས་ཞུ། དགུ་པར་ཡབ་ལས་ཆོས་རྣམས་བསླབས། བཅུ་གཅིག་པར་བླ་མ་ཞང་དང་མཇལ། གདམས་ངག་མ་ལུས་པ་མནོས། མྱང་བྲན་ཆོས་ཡེས་མཁན་པོ་དང་། འབེན་ཐུང་པས་སློབ་དཔོན་མཛད་དེ་རབ་བྱུང་བསྒྲུབས། བཅུ་དགུ་པར་མཁན་པོ་བརྩིབ་པ་གཞོན་སེང་དང་། ལས་སློབ་གླང་པོ་ཇོ་བཙུན། གསང་སྟོན་གཙང་གད་སྙོད་རྣམས་ལས་དགེ་སློང་བསྒྲུབས། རྔོག་མདོ་སྡེ་དང་། གྲུབ་ཐོབ་ངོམ་སེ་པོ། ཁུ་སྟོན་གྲུབ་སིང་། སེ་འབྲུ་རྡོ་རྗེ་གྲགས། རྗེ་དུས་གསུམ་མཁྱེན་པ། འབྲི་གུང་ཆོས་རྗེ་སོགས་ལས་གསང་སྔགས་ཀྱི་དབང་ལུང་གདམས་པ་ཞུས། དགེ་བཤེས་དོལ་པོ་བཤེར་བླ་དང་། སློབ་དཔོན་སྟོན་སེང་། ལ་སྟོད་དཀོན་མཆོག་མཁར། དགེ་བཤེས་སྟོན་དར། དགེ་བཤེས་འོ་མ་ཐང་པ། མྱང་སྒོམ་རིན་ཤེ། རྒྱ་མའི་སངས་རྒྱས་དབོན་སོགས་ལས་མཚན་ཉིད་དང་བཀའ་གདམས་ཀྱི་ཆོས་སྐོར་གསན། བཞི་བཅུ་པར་ཚལ་གུང་ཐང་གི་གདན་སར་འབུམ་ཆེན་པོའི་འཕྲོ་གདུང་ཁང་བཀྲ་ཤིས་འོད་འབར། མགོན་ཁང་། ལྷ་ཁང་གི་ཁྱིམ་སྨད། ཐིག་ཁང་། རྒྱ་ཕུབ་གསེར་འབྲུ་དང་བཅས་པ། ལྕགས་རི་ནང་མ་སོགས་བཞེངས། རེ་གཅིག་པ་རབ་བྱུང་བཞི་པའི་མེ་ཡོས་ཕྱི་ལོ ༡༢༠༧ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རྒྱ་ཕོ་ལུང་པ་དང་། གཙང་པ་དུང་ཁུར་བ། གཙང་པ་བློ་ལྡན། དགེ་བཤེས་མང་པ་སོགས་ཡིན། ཚལ་གུང་ཐང་གི་བླ་རབས་གཉིས་པ་ཡིན། |