52530
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཟུགས་རྒྱན་ཉི་ཤུའི་ནང་གསེས་བཅོ་བརྒྱད་པ་སྟེ། དཔེ་ཅན་གང་ཞིག་དཔེའི་གཟུགས་སུ་བཀོད་པ་དེས། རང་གི་ངང་ཚུལ་དང་མི་མཐུན་པའི་བྱ་བ་བྱེད་པ་འོས་མིན་གྱི་སྐྱོན་ཡོད་པ་དང༌། བྱ་བའི་ཡུལ་ཉིད་ལའང་སྐབས་གང་ཡིན་གྱི་སྐྱོན་ཡོད་པ་བཅས་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་སྐྱོན་ཡོད་པ་མཚུངས་པའམ་མཉམ་དུ་སྟོན་པ་ཞིག་ལ་ཟེར། |
| Example | བོད་མཁས་པས། མཛེས་མ་ཁྱོད་ལུས་ཧ་རི་ཙན་དན་ནའི། །འཁྲི་ཤིང་དཔྱིད་ཀྱི་རྣམ་འཕྲུལ་ལ་ཞུགས་པས། ། བདག་ཡིད་སྲེག་འདི་མཛེས་པ་ཕུལ་བྱུང་བར། །མ་ཟད་བདག་རང་འདོད་པས་གཟིར་བས་ཀྱང་། །ཞེས་པ་ལྟ་བུ། |
| Domain | རྩོམ་རིག |