52532
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཛམ་གླིང་དམག་ཆེན་གཉིས་པའི་མཇུག་དྲིལ་རྗེས་ཏེ། ཕྱི་ལོ་ ༡༩༤༥ ལོར་རྒྱལ་ཁབ་མང་པོས་མཉམ་དུ་བཙུགས་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཤིག་ཡིན་ཞིང༌། ལས་ཁུངས་ལྟེ་བ་དེ་ནི་ཨ་མེ་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ལ་ཡོད་པ་དང་། ད་དུང་སི་ཝུ་སིའི་འཇེ་ནུའུ་ཝཱ་དང་། ཁེན་ཡའི་ནེ་རཱོ་འབུའུ། ཨོ་སི་ཐྲི་རི་ཡའི་ཝེ་ན་བཅས་ལའང་ལས་ཁུངས་ཡོད། མཉམ་འབྲེལ་རྒྱལ་ཚོགས་བཙུགས་པའི་དགོས་དམིགས་གཙོ་བོ་ནི་རྒྱལ་སྤྱིའི་སྟེང་གི་ཆབ་སྲིད་ཀྱི་དཀའ་རྙོག་རྣམས་ཞི་བའི་སྒོ་ནས་ཐག་གཅོད་བྱེད་རྒྱུ་དང་། འཛམ་གླིང་གི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ། རྒྱལ་ཁབ་ཕན་ཚུན་བར་གྱི་མཛའ་གྲོགས་ཀྱི་འབྲེལ་བ་གོང་སྤེལ་གཏོང་རྒྱུ། དཔལ་འབྱོར་དང་རིག་གནས་སོགས་ཀྱི་ཐད་ལ་རྒྱལ་སྤྱིའི་མཉམ་ལས་སྐུལ་སྤེལ་བྱེད་རྒྱུ་བཅས་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་འབྲེལ་གྱི་སྐད་ཡིག་ནི། ཨ་རབ་ཀྱི་སྐད་ཡིག རྒྱ་ནག་གི་སྐད་ཡིག དབྱིན་ཇི་སྐད་ཡིག ཧྥ་རན་སིའི་སྐད་ཡིག ར་ཤུ་ཡའི་སྐད་ཡིག སི་པེན་གྱི་སྐད་ཡིག་བཅས་ཡིན། |