52566
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། མཉེས་པར་བྱ་བའི་ཡོ་བྱད་བརྒྱད་ནི། བླ་མ་མཉེས་བར་བྱ་བའི་ཡོ་བྱད་བརྒྱད་དེ། ཕྱོགས་བཅུའི་མུན་སེལ་ལས། ཇི་ལྟར་མཉེས་པར་བྱ་བ་ཡང་(དགོངས་འདུས། )དེ་ལས། མཉེས་པར་བྱ་བའི་ཡོ་བྱད་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་ཁེངས་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་ཐད་དང་། །ཁ་གསག་མེད་པའི་རང་རྒྱུད་དང་། །རྨོངས་པ་མེད་པའི་ཤེས་རབ་དང་། །དྲི་མ་མེད་པའི་ལྷག་སེམས་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །ཞེས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |