5258

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁུ་སྟག་ཚབ་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་དུས་དཀྱིལ་དུ་འཁྲུངས། སྐུ་ལུས་ཀྱི་ཆ་ཚད་མཉམ་པ་དང་སྐྱེ་འབྲས་བཟང་བའི་ལས་དག་གི་མི་ཞིག་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་ལྷོ་ངོས་ཨརྱ་པ་ལོའི་གླིང་བརྩིགས་ཏེ། ཐོག་ཕུབ་པ་དང་། སངས་རྒྱས་ཀྱི་སྐུ་བཞེངས་དུས་ལྷ་བཟོ་རྒྱ་མཚལ་བུ་ཅན་གྱིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ། ལྷ་རྒྱ་དཀར་ནག་ལུགས་གང་བགྱི་བར་གྲོས་བགྱིས་དུས། མཁན་པོའི་ཞལ་ནས་སངས་རྒྱས་རྒྱ་གར་དུ་བྱོན་པ་ཡིན་པས་རྒྱ་གར་ལུགས་སུ་གྱིས་གསུངས། བཙན་པོས་བོད་ཀྱི་ལུགས་སུ་བགྱིས་ན་བོད་ནག་པོ་ལ་ཞེན་པ་རྣམས། དད་པ་བསྐྱེད་རེ་བ་ཡིན་པས་ལྷ་བོད་ལུགས་སུ་བྱ་བར་ཅི་གནང་ཞུས་པར། འོ་ན་བོད་འབངས་ཀུན་སྡུས་ཤིག་ལྷ་བོད་ལུགས་སུ་བྱའོ་གསུངས། བོད་མིའི་གཟུགས་སུ་བགྱིད་པའི་དཔེ་བོད་འབངས་ཚོགས་པ་ལས་དེའི་ནང་ནས་གཟུགས་བཟང་བ་ཁུ་སྟག་ཚབ་ལ་དཔེ་བགྱིས་ཏེ། གཙོ་བོ་ཨརྱ་པ་ལོའི་ཁར་ས་པ་ཎི་བཞེངས། ཞེས་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་གསུངས།