52623

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐང་གོས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མཐང་གོས་ནི་དཔངས་སུ་ཁྲུ་དོ། སྲིད་དུ་ཁྲུ་ལྔའམ་བཞི། མཐའ་ན་ལྟེ་བ་མན་ཆད་པུས་མོ་ཡན་ཆད་དེ་འཁོར་གསུམ་ཁེབས་པའི་ཚད་ཀྱང་རུང་སྟེ། ཇི་སྐད་དུ། མཐང་གོས་ནི་དོ་དང་ལྔ་ཡང་ཡིན། དོ་དང་བཞི་ཡང་ཡིན་ནོ། །འཁོར་གསུམ་ཁེབས་པ་ཉིད་ཡན་ཆད་ཀྱང་ངོ་། །ཁྲུའི་དོན་ནི་ལུས་ཀྱི་ཆ་བདུན་ལས་གཉིས་སོ། །ཞེས་སོ། །མདོ་ཕྱི་མའི་དོན་ནི་རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ལ་དུམ་བུ་བདུན་དུ་བྱས་པའི་ཆ་གཉིས་ནི་ཁྲུ་ཡིན་ནོ། །གཞུང་འདིར། ཤམ་ཐབས་བགོས་པའི་སྟེང་དུ་སྐེ་རགས་བཅིང་ངོ་། །ཞེས་དང། ཤམ་ཐབས་མ་བཅིང་པར་གྲོང་དུ་འཇུག་པར་མི་བྱའོ། །ཁྲིས་ཅིག་གི་ཡང་མི་བྱའོ། །ཞེས་གསུངས་པའི་ཤམ་ཐབས་ནི་མཐང་གོས་ཡིན་པར་སེམས་ཏེ། ཤམ་ཐབས་ཀྱི་ཕྱི་ལ་མཐང་གོས་གྱོན་པ་ཡིན་ཞིང། དེའི་ཚེ་ན་སྐེད་རགས་ཀྱིས་མཐང་གོས་བཅིང་བ་ལས་འོས་མེད་དོ། །སོ་ཐར་གྱི་མདོར། ཤམ་ཐབས་ལ་ནི་རྣམ་བདུན་དང། །ཞེས་གསུངས་པ་ཡང་མཐང་གོས་ལ་ཤམ་ཐབས་ཀྱི་མིང་གིས་བཏགས་ནས་དེ་གྱོན་པའི་ཚུལ་བསྟན་པ་ཡིན་ཞིང། སྟོད་གཡོགས་པ་ཡང་རྣམ་པ་གསུམ་ཞེས་པས་བླ་གོས་བགོ་བ་བསྟན་པས་སོ། །གཞན་དུ་ན་མཐང་གོས་བགོ་ཚུལ་གྱི་བསླབ་བྱ་དེེར་མ་བསྟན་པར་འགྱུར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:མཐང་གོས་

|; |@@@ | | }}