52631

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐའ་གཅིག་ཏུ་ (1)
Part of speech མིང་ཚིག
Definition མི་མེད་པའི་ས་ཆ་སྟེ། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། མཐའ་གཅིག་ཏུ་ཞེས་བྱ་བ་ནི་སྐྱེ་བོ་མེད་པའི་གནས་སུའོ་ཞེས་གསུངས།
མཐའ་གཅིག་ཏུ་ (1)
Part of speech བསྣན་ཚིག
Definition རྣམ་པ་ཀུན་ཏུ་ཞེས་པའི་དོན་ཏེ།
Example དུས་དང་རྣམ་པ་ཀུན་ཏུ་ཡ་རབས་བྱེད་དགོས་ལྟ་བུ།
མཐའ་གཅིག་ཏུ་ (2)
Part of speech བསྣན་ཚིག
Definition ཐེ་ཚོམ་མེད་པའི་དོན་ཏེ།
Example མཐའ་གཅིག་ཏུ་ངོ་རྒོལ་བྱེད་ལྟ་བུ།