52656

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐའ་ཐོག་སྦྱར་བའི་ཟུང་ལྡན་ (1)
Part of speech མིང་ཚིག
Definition ཟུང་ལྡན་རྒྱན་གྱི་ནང་གསེས་གསུམ་པ་མཐའ་ཐོག་སྦྱར་བའི་ཟུང་ལྡན་ཏེ། ཚིག་རྐང་སྔ་མའི་མཐའ་དང་ཕྱི་མའི་ཐོག་མ་ན་ཡོད་པའི་མིང་ཚིག་གང་རུང་གི་སྒྲ་གཟུགས་མཚུངས་པར་སྦྱར་བའི་ཟུང་ལྡན་ཞིག་ལ་ཟེར།
Example བོད་མཁས་པས། ལེགས་བྱས་རྨད་བྱུང་རི་མོ་བཀྲ་བའི་ཕུལ། །ཕུལ་བྱུང་མཚར་སྡུག་རྒྱ་མཚོའི་སྙིང་བོར་སྨིན། །སྨིན་ལེགས་ངག་གི་དཔྱིད་འཇོ་དབྱངས་ཅན་ལྷ། །ལྷ་མཆོག་ཁྱོད་ཀྱིས་སྐྱེ་བར་རྗེས་ཟུངས་ཤིག །ཅེས་པ་ལྟ་བུ།
Domain རྩོམ་རིག