5266
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གནས་པའི་བསྐལ་པར་བར་གྱི་བསྐལ་པ་ཉི་ཤུ་ཡོད་པ་ལས་བར་པ་བཅོ་བརྒྱད་པོ་སྟེ། འཛམ་བུ་གླིང་པའི་མི་ཚེ་ལོ་དཔག་མེད་ནས་ཚེ་ལོ་བཅུའི་བར་བྲི་བ་ཡ་ཐོག་རིང་མོའམ་བསྐལ་པ་དང་པོ་དང༌། མ་ཐོག་རིང་མོ་ཚེ་ལོ་བཅུ་ནས་བརྒྱད་ཁྲིའི་བར་དུ་འཕེལ་བ་བསྐལ་པ་ཐ་མ་དེ་གཉིས་ཀྱི་བར་གྱི་ཡར་འཕེལ་མར་འགྲིབ་ཟུང་ཁུག་པ་རེར་བགྲངས་པས་བཅོ་བརྒྱད་པོ་དག་གོ ། བར་གྱི་བསྐལ་པ་དང་པོ་མར་འགྲིབ་པ་རྐྱང་པ་གཅིག་དང་། ཐ་མ་ཡར་འཕེལ་བ་རྐྱང་པ་གཅིག་དང་། དེ་དག་གི་བར་གྱི་བསྐལ་པ་བཅོ་བརྒྱད་ཀྱི་འཕེལ་འགྲིབ་ཁུག་པ་རེ་རྣམས་ནི་དུས་མཉམ་སྟེ། དང་པོ་དང་ཐ་མ་ནི་དལ་གྱིས་འགྲོ་བས་འགྲིབ་པ་འཕེལ་བ་བུལ་བའི་ཕྱིར་དང་། གཞན་དག་ནི་མྱུར་བའི་ཕྱིར་རོ། ། |
| Domain | ཆོས་ལུགས། |