52660
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྡོམ་གྱིས་བསྡུས་པའི་ལྟུང་བ་སྡེ་ལྔ་མཐའ་དག་དངོས་སུ་བསྐྱེད་པ་ངེས་པར་ཚང་དགོས་པའི་ཡན་ལག་སྤྱིར་བསྟན་པས་ན་མཐའ་དག་སྤྱིར་བསྟན་ཞེས་པ་དང་། དེའི་ཚུལ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་འཆད་པ་ལ། ཉམས་པ་དང་མ་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་སོགས་ཀྱི་གཞུང་རྣམས་གསུངས། དེ་ཡང་སྡོམ་གྱིས་བསྡུས་པའི་ལྟུང་བ་སྡེ་ལྔ་དངོས་སུ་བསྐྱེད་པའི་རྟེན་ལ་བསྙེན་རྫོགས་ཀྱི་སྡོམ་པ་མ་ཉམས་ཤིང་ཆགས་པ་ཞིག་དགོས་ཏེ། ཉམས་པ་ལ་ཉེས་བྱས་ལས་ལྷག་པ་མི་བསྐྱེད། བླངས་ཤིང་མ་ཆགས་པ་ལའང་ཉེས་བྱས་ཙམ་ཞིག་འབྱུང་བའི་ཕྱིར། ཉམས་པས་ལྟུང་བ་ལ་སྦྱོར་ཚུལ་བཤད་དུ་ཡོད་དེ། གང་ཉམས་པ། གང་ལས་ཉམས་པ། གང་གི་སྟོབས་ཀྱིས་ཉམས་པ། ཚུལ་ཇི་ལྟར་དུ་ཉམས་པ། ཅིར་འགྱུར་བ། དགག་སྒྲུབ་ཀྱི་དོན་ལ་དཔྱད་པ། ཤེས་བྱེད་ཀྱི་ལུང་དང་སྦྱར་བ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |