52670

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐའ་ཕྱི་མ་གསུམ་གྱི་དགག་བྱ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། མཐའ་དང་པོ་བཀག་པའི་རྗེས་སུ་རྣམ་རྟོག་གིས་གང་དུ་ཞེན་པའི་ཡུལ་དེ་ཉིད་འགོག་པ་སྟེ། བཞི་བརྒྱ་པ་ལས། རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ནི་འདི་རུ་དགག་པར་བྱ། །ཞེས་དང་། རྣམ་འགྲེལ་ལས། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཅེས་གསུངས་པར་ལྟར་རོ། །མཐའ་བཞི་མཚན་གཞིར་བྱས་ནས་དེའི་སྟེང་དུ་བདེན་པ་འགོག་པ་ནི་མཐའ་དང་པོ་འགོག་པའི་རིགས་པ་སྟེ། རང་བཞིན་སྟོང་པ་ཉིད་ཀྱི་གཞིའི་ཆོས་ཅན་ལ་བདེན་པ་འགོག་པ་བཞིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མ་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།