52676

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐའ་བཞི་ (1)
Part of speech མིང་ཚིག
Definition གཅིག་པ། ཐ་དད་པ། གཉིས་ཀ།གཉིས་ཀ་མ་ཡིན་པ།
Domain ཆོས་ལུགས།
མཐའ་བཞི་ (2)
Part of speech མིང་ཚིག
Definition ཡོད་པ། མེད་པ། རྟག་པ། མི་རྟག་པའོ། །
མཐའ་བཞི་ (3)
Part of speech མིང་ཚིག
Definition ཕྱི་ནང་གི་ཆོས་ཐམས་ཅད་ནི་རྡུལ་དང་མུན་པ་སྙིང་སྟོབས་གསུམ་ལས་གྱུར་པ་ཡིན་པས་ཡོད་པ་ཡིན་ཏེ། ཕྱི་རོལ་གྱི་ཆོས་ལ་སྦྱར་ན་ཡང་མེ་ཏོག་ལ་སོགས་པ་སྡུག་ཅིང་མཛེས་པ་ཐམས་ཅད་ནི་སྙིང་སྟོབས་ཤས་ཆེ་ལ། ཚེར་མ་དང་ངམ་གྲོག་ལ་སོགས་པ་མི་མཛེས་པ་ཐམས་ཅད་ནི་མུན་པ་ཤས་ཆེའོ། །འབྲུ་འབྲས་དང་ཁ་ཟས་ལ་སོགས་པ་དག་ནི་རྡུལ་ལས་གྱུར་པ་ཤས་ཆེ་བ་ཡིན་ཏེ་ཡོད་དོ་ཞེས་ཟེར་བ་ནི་ཡོད་པའི་མཐའོ། །འཇིག་རྟེན་རྒྱང་འཕེན་པ་དག་ལས་དང་འབྲས་བུ་དང་ཚེ་སྔ་ཕྱི་ལ་སོགས་པ་ཅིའང་མེད་དོ་ཞེས་ཟེར་བ་ནི་མེད་པའི་མཐའོ། །བདག་རྟག་པ་ནི་ཡོད་ལ་ཡུལ་དང་དབང་པོ་ལ་སོགས་པ་འབྱུང་བའི་གྲོང་ཁྱེར་ནི་མེད་དོ་ཞེས་ཟེར་བ་ནི། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པའི་མཐའོ། །གྲངས་ཅན་པ་དག་དཔེར་ན་གསེར་གྱི་ཁ་དོག་ནི་གར་ཡང་མི་འགྱུར་ཏེ་མེད་པ་ཡང་མ་ཡིན་ལ། མགར་བས་བརྡུངས་ན་དབྱིབས་གཞན་དང་གཞན་དུ་འགྱུར་བས་ན་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བདག་རྟག་པ་དེ་ཡང་དེ་ཡང་འདྲའོ་ཞེས་ཟེར་བ་ནི་ཡོད་པ་ཡང་མ་ཡིན་ལ་མེད་པ་ཡང་མ་ཡིན་པའི་མཐའ་དང་བཞིའོ། །
མཐའ་བཞི་ (4)
Part of speech མིང་ཚིག
Definition སྐྱེས་མཐའ་འཆི་བ། འདུས་མཐའ་བྲལ་བ། བསགས་མཐའ་འཛད་པ། མཐོ་མཐའ་ལྟུང་བའོ། །
མཐའ་བཞི་ (5)
Part of speech མིང་ཚིག
Definition ཡོད་མེད་གཉིས། རྟག་ཆད་གཉིས། བྱིང་རྒོད་གཉིས། གཟུང་འཛིན་གཉིས་སོ། །