5269

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁུག་པའི་གྲངས་གནས་ལྔ་བཅུ་ (1)
Part of speech མིང་ཚིག
Definition གྲངས་གནས་འདྲེན་ཚུལ་རིགས་གསུམ་གྱི་ཡ་གྱལ་ཞིག་སྟེ། ཐེར་འབུམ་དང་ཐེར་འབུམ་ཆེན་པོ། ཁྲག་ཁྲིག་དང་དེ་ཆེན་པོ། རབ་བཀྲམ་དང་དེ་ཆེན་པོ། གཏམས་དང་དེ་ཆེན་པོ། དཀྲིགས་དང་དེ་ཆེན་པོ། མི་འཁྲུགས་དང་དེ་ཆེན་པོ། ཁྱད་འབྱིན་དང་དེ་ཆེན་པོ། སྤང་རྟེན་དང་དེ་ཆེན་པོ། དེད་འདྲེན་དང་དེ་ཆེན་པོ། མཐའ་སྣང་དང་དེ་ཆེན་པོ། རྒྱུ་རིག་དང་དེ་ཆེན་པོ། འོད་མཛེས་དང་དེ་ཆེན་པོ། དབང་པོ་དང་དེ་ཆེན་པོ། ལེགས་ཕྱིན་དང་དེ་ཆེན་པོ། རྟོགས་འགྲོ་དང་དེ་ཆེན་པོ། འབྱིངས་རྟུལ་དང་དེ་ཆེན་པོ། རྒྱ་རྟགས་དང་དེ་ཆེན་པོ། སྟོབས་འཁོར་དང་དེ་ཆེན་པོ། བརྡ་ཤེས་དང་དེ་ཆེན་པོ། རྣམ་བྱུང་དང་དེ་ཆེན་པོ། སྟོབས་མིག་དང་དེ་ཆེན་པོ། བྱམས་དང་དེ་ཆེན་པོ། སྙིང་རྗེ་དང་དེ་ཆེན་པོ། དགའ་བ་དང་དེ་ཆེན་པོ། བཏང་སྙོམས་དང་བཏང་སྙོམས་ཆེན་པོ་བཅས་ལྔ་བཅུ།
Example དུང་ཕྱིར་བཅུ་ཐམ་པ་ཐེར་འབུམ་དང་། ཐེར་འབུམ་བཅུ་ཐམ་པ་ཐེར་འབུམ་ཆེན་པོ་དང་། ཐེར་འབུམ་ཆེན་པོ་བཅུ་ཐམ་པ་ཁྲིག་ཁྲིག་གཅིག་ཡིན་པ་ལྟ་བུའོ། །རྩིས་གཞུང་ཉིན་བྱེད་སྣང་བ་ལས། ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང་། །སྤང་རྟེན་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིངས་རྟུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་བྱུང་སྟོབས་མིག་བྱམས་སྙིང་དགའ། །བཏང་སྙོམས་རྣམས་ཏེ་ཆེན་པོར་བཅས། །ལྔ་བཅུ་ཁུག་པའི་གྲངས་ཡིན་ཏེ། །ཞེས་བྱུང་།
Domain རྩིས་རིག