From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཐའ་བྲལ་ (1)
| Part of speech
|
མིང་ཚིག
|
| Definition
|
མུ་མཐའ་མེད་པ།
|
| Example
|
མཐའ་བྲལ་གྱི་ནམ་མཁའ་ལྟ་བུ།
|
མཐའ་བྲལ་ (2)
| Part of speech
|
མིང་ཚིག
|
| Definition
|
ནམ་མཁའ་སྟེ། མུ་མཐའ་མེད་པས་སོ། །
|
| Type
|
མངོན་བརྗོད།
|
མཐའ་བྲལ་ (3)
| Part of speech
|
མིང་ཚིག
|
| Definition
|
མདོ། དབུ་མ། རྟག་ཆད་ཀྱི་མཐའ་གཉིས་སམ། ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བའམ། ཡོད་མེད་གཉིས་ཀ་གཉིས་མིན་གྱི་མཐའ་བཞི་དང་བྲལ་བའོ། །
|
| Domain
|
ཆོས་ལུགས།
|
མཐའ་བྲལ་ (4)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག མྱ་ངན་ལས་འདས་པའི་མཐའ་དང་བྲལ་བར་བྱེད་པའི་ཆོས་ནི་སྟོང་གཟུགས་ཡིན་ཏེ། སྐུ་སྣ་ཚོགས་པ་སྟོན་པས་ཆད་པའི་མྱང་འདས་ལ་མི་གནས་པའི་ཕྱིར་རོ། །འཁོར་བའི་མཐའ་ལས་འདས་པར་བྱེད་པ་ནི་མི་འགྱུར་བའི་བདེ་བ་སྟེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་རྣམ་པ་ཉིད་དང་། འཁོར་བའི་རྒྱུ་འགྱུར་བདེ་ལོག་པའི་མཚན་ཉིད་ཀྱི་ཕྱིར་རོ། །སྟོང་གཟུགས་ནི་རྣམ་པ་ཐམས་ཅད་པ་དང་། དངོས་པོ་སྤངས་པའི་ཕྱིར་རྟག་མཐའ་ལས་ངེས་པར་གྲོལ་ཞིང་། བདེ་བ་ནི་ངོ་བོ་མི་འགྱུར་བས་རྟག་ཅིང་ཉམས་སུ་མྱོང་བར་ཡོད་པས་ཆད་མཐའ་ལས་གྲོལ་བ་སྟེ། རྒྱུ་མཚན་མཚུངས་པའི་ཕྱིར་གཟུགས་ཀྱིས་ཀྱང་རྟག་མཐའ་དང་མི་འགྱུར་བས་ཀྱང་ཆད་མཐའ་ཡང་གནོན་ཏེ། གཟུགས་དང་བདེ་བ་དེ་དག་མཉམ་པར་སྦྱོར་བ་ནི། གཉིས་མེད་ཟུང་འཇུག་མཆོག་སྟེ། མི་གནས་པའི་མྱ་ངན་ལས་འདས་པའོ། །
|